Capturing the Quotidian in the Everyday Renunciation of Buddhist Nuns in Tibet Journal Article uri icon

Overview

abstract

  • ; ; ; ; In the novella “Lonely Soul” (ཁེར་རྐྱང་གི་རྣམ་ཤེས།), Tsedrön Kyi (ཚེ་སྒྲོན་སྐྱིད།) chronicles the everyday life of a Tibetan nun and her companions at retreat hermitages and on pilgrimage. This is a meandering tale, narrated in episodic fashion, much like the lives of the nuns themselves who wander from place to place eking out a subsistence without institutional support or ample patronage. A leading Tibetan woman writer today, Tsedrön Kyi is brilliant at portraying the banality and humor of everyday predicaments that beset renunciants, as well as the passing observations of human failings and the resulting disappointment of the nun Salé Drölma, who is both protagonist and narrator. To analyze this novella, we draw from Sianne Ngai’s work, Ugly Feelings, regarding the aesthetic evocation of dysphoric affect, as well as conversations with Tsedrön Kyi about the marginalization of Buddhist nuns in Tibetan society. This essay introduces “Lonely Soul” and discusses its narrative style, affective contours, and poignant depiction of the liminality of Buddhist nuns in Tibet, followed by a translation of its first two chapters.; ཁེར་རྐྱང་གི་རྣམ་ཤེས་ཞེས་པའི་སྒྲུང་རྩོམ་དེར་ཚེ་སྒྲོན་སྐྱིད་ཀྱིས་བོད་པའི་ཇོ་མོ་ཞིག་དང་མོའི་རོགས་པ་ཁ་ཤས་མཚམས་ཁང་དུ་བཞུགས་པ་དང་། གནས་མཇལ་དུ་འགྲོ་བའི་ཉིན་རེའི་འཚོ་བ་བསྟར་ཆགས་སུ་རིམ་པར་���ཤད་ཡོད། དེབ་འདི་ནི་ཚན་པ་དུ་མར་ཕྱེས་ཏེ་བཤད་པས། ཀྱོག་ཀྱོག་ཁུག་ཁུག་མང་བའི་སྒྲུང་ཞིག་རེད། ཚོགས་སྡེ་དང་སྦྱིན་བདག་སོགས་ཀྱིས་རོགས་རམ་མེད་པར་ཟས་ངན་ངོན་ལ་བརྟེན་ནས་གནས་ངེས་མེད་དུ་བགྲོད་པའི་ཇོ་མོ་དེ་དག་གི་མི་ཚེ་ཧ་ལམ་ཆ་འདྲ་བོ་རེད། ཚེ་སྒྲོན་སྐྱིད་ནི་དེང་གི་བོད་པའི་བུད་མེད་རྩོམ་པ་པོ་གྲགས་ཅན་ཞིག་རེད།  མོས་རྣལ་འབྱོར་མ་ཇོ་མོ་ས་ལེ་སྒྲོལ་མར་འཕྲད་པའི་ཉམས་དང་སྤྲོ���སྣང་བྲལ་ལ་སྙིང་པོ་མེད་པ། ཡ་མ་བརླ། དགོད་བྲོའི་རང་བཞིན་ཅན་གྱི་ཉིན་རེའི་འཚོ་བའི་དཀའ་ཁག་དང་།  དེ་བཞིན་ཞོར་འཕྲོས་སུ་ཞིབ་རྟོགས་བྱུང་བའི་འགྲོ་བ་མིའི་ནོར་འཛོལ། དེ་དག་གི་རྗེས་འབྲས་སུ་བྱུང་བའི་ས་ལེ་སྒྲོལ་མའི་སེམས་ཕམ་དང་ཡིད་ཆད་བཅས་ཞིབ་འབྲི་གནང་ཡོད།  ས་ལེ་སྒྲོལ་མ་ནི་སྒྲུང་ཤོད་མཁན་དང་སྒྲུང་གི་མི་སྣ་གཙོ་བོ་གཉིས་ཀ་རེད། སྒྲུང་རྩོམ་འདིར་དཔྱད་ཞིབ་གཏོང་ཕྱིར་ང་ཚོ���་རྩོམ་པ་པོ་སན་ནེ་ རྔ་ཡི་བརྩམས་ཆོས་སྐྱུག་བྲོ་བའི་ཚོར་བ་ཞེས་པ་ལུང་འདྲེན་གྱིས་སེམས་ཁམས་མ་སྐྱིད་པ་དང་མི་བདེ་བའི་མཛེས་དཔྱོད་ཀྱི་ཚོར་བ་དང་སྣང་བརྙན་འགོད་ཚུལ་ལ་ཞིབ་དཔྱོད་དང་། ཚེ་སྒྲོན་སྐྱིད་མོ་རང་དང་ལྷན་དུ་བོད་བརྒྱུད་ནང་བའི་ཇོ་མོ་དག་བོད་པའི་སྤྱི་ཚོགས་ནང་མཐར་གྱར་བའི་གནས་ཚུལ་སྐོར་བཀའ་མོལ་གནང་བ་ལུང་འདྲེན་བྱས་ཡོད།;  རྩོམ་ཐུང་འདིས་“ཁེར་རྐྱང”་གི་རྣམ་ཤེས་ཞ��ས་པའི་སྒྲུང་རྩོམ་དེ་ངོ་སྤྲོད་རྒྱུ་དང་སྒྲུང་དེའི་ཤོད་སྟངས་ཀྱི་རྣམ་པ། སེམས་ཁམས་ཀྱི་ངོ་རིས། བར་དོའི་གནས་སུ་ལུས་པའི་བོད་ནང་གི་སྐྱོ་ཤས་ཆེ་བའི་ཇོ་མོའི་གནས་བབ་ཞིབ་འབྲི། མཇུག་མཐར་བཀོད་པའི་སྒྲུང་འདིའི་ཚན་པ་དང་པོ་གཉིས་བཅས་བགྲོ་གླེང་བྱ་རྒྱུ་ཡིན།། །།; ; ; ;

publication date

  • July 26, 2023

has restriction

  • hybrid

Date in CU Experts

  • January 31, 2024 9:59 AM

Full Author List

  • Bhum S; Gayley H

author count

  • 2

Other Profiles

Electronic International Standard Serial Number (EISSN)

  • 2834-2801

Additional Document Info

start page

  • 45

end page

  • 72

volume

  • 2

issue

  • 1